首页 > 通知公告
玉树州新型冠状病毒感染的肺炎疫情防控处置工作指挥部通告
(第1号)
来源:    时间:2020年02月01日    

    鉴于当前新型冠状病毒感染的肺炎疫情防控特点,结合各检查点反映的情况,现就进一步做好全州宗教领域疫情防控工作的有关事宜紧急通告如下:

  一、凡春节期间外出探亲、旅游、朝觐,且具有疫区旅行居住经历的宗教教职人员,目前已返回州内的,按照此次疫情防控中阻断病源、减少走动和地区间流动的有关要求,从即日起就地居家隔离观察14天,无不适症状者经有关乡镇、部门同意方可返回寺院。

  二、坚决杜绝目前在州外的我州僧人于近期返回,并将在外僧人详细情况报告统战民宗部门,坚决杜绝外地宗教教职人员和信教群众进入本州境内。

  三、全面取消全州各类法会及民间群众性宗教活动,直至青海省重大突发公共卫生事件一级响应解除。

  四、各寺院僧尼在疫情期间不得外出朝佛参观,寺院不得邀请外籍活佛、堪布来寺院讲经诵法。

  五、各寺院、宗教活动点、安置点等要加强疫情防控,劝阻信教群众聚众转经等聚集性活动,尽量避免僧尼外出到信教群众家中开展诵经等佛事活动。

  六、各寺院、寺管会和活佛、堪布要进一步正面发声,做好信教群众的思想工作。各市县政府和统战、民宗、佛协要切实加强督促检查,坚决贯彻执行州疫情防控处置工作指挥部的工作要求。凡因工作失职渎职、敷衍塞责,造成不良影响的,坚决予以严肃追责。

  七、各市县政府和统战、民宗部门要严格落实属地化管理责任,坚决做到守土有责、守土担责、守土尽责,坚决贯彻落实好党中央和省、州各项决策部署,勇于担当,做好表率,紧紧依靠人民群众坚决打赢疫情防控阻击战。

  玉树州新型冠状病毒感染的肺炎疫情防控处置工作指挥部

  2020年1月30日

  ཡུས་ཧྲུའུ་ཁུལ་གསར་ཐོན་ཏོག་དབྱིབས་ནད་དུག་ལས་བྱུང་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའི་བརྡ་ཁྱབ།

 ( ཨང་༡པ)

  མིག་སྔར་ཏོག་དབྱིབས་ནད་དུག་ལས་བྱུང་བའི་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཁྱད་ཆོས་ལ་དམིགས་ཤིང་། ཞིབ་བཤེར་ས་ཚིགས་ཁག་གིས་ཕྱིར་འདོན་བྱས་པའི་གནས་ཚུལ་དང་འབྲེལ་ནས། ད་ཆར་ཁུལ་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་འབྲེལ་ཡོད་དོན་ཚན་ཁག་ཛ་དྲག་ངང་བརྡ་ཁྱབ་བཏང་བ་གཤམ་གསལ།

  གཅིགལོ་སར་གྱི་དུས་སྐབས་ཕྱི་ཕྱོགས་སུ་ཉེ་གཏུག་དང་ཡུལ་སྐོར། ཆོས་མཇལ་འགྲོ་བ་སོགས་བྱས་པའམ་རིམས་ནད་བྱུང་ཡུལ་ནས་བཅའ་སྡོད་བྱས་མྱོང་མཁན་གྱི་ཆོས་ལུགས་ལས་དོན་མི་སྣ་རྣམས་རང་ཁུལ་ནང་ལོགས་སུ་སླེབས་ཚེ།ད་ཐེངས་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་ནད་ཁུངས་འགོག་པ་དང་འགྲོ་བསྐྱོད་ཉུང་བཏང་གི་བླང་བྱ་ལྟར། ཉིན་དེ་ནས་བཟུང་རང་ཡོད་ས་གནས་ལ་ལོགས་སུ་བཀར་ནས་ཉིན་༡༤རིང་ཁྱིམ་སྡོད་ལྟ་ཞིབ་དགོས་པ་དང་། ནད་རྟགས་མེད་མཁན་རྣམས་ཀྱིས་འབྲེལ་ཡོད་ཞང་དང་གྲོང་རྡལ། སྡེ་ཁག་བཅས་ནས་ཆོག་མཆན་ཐོབ་ཚེ་ད་གཟོད་དགོན་ནང་དུ་ལོག་ཆོག

  གཉིས།མིག་སྔར་རང་ཁུལ་དུ་མེད་པའི་གྲྭ་པ་རྣམས་ཉེ་བའི་དུས་སུ་ནང་ལ་ལོག་པར་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་ཏེ། དེ་བཞིན་ཕྱིར་ཡོད་གྲྭ་པ་རྣམས་ཀྱི་ཞིབ་ཕྲའི་གནས་ཚུལ་དེ་འཐབ་ཕྱོགས་གཅིག་སྒྲིལ་དང་མི་རིགས་ཆོས་ལུགས་ལས་ཁུངས་ལ་སྙན་སེང་ཞུ་དགོས། ཕྱི་ཕྱོགས་ཀྱི་ཆོས་ལུགས་ལས་དོན་མི་སྣ་དང་དད་ལྡན་མང་ཚོགས་རྣམས་རང་ཁུལ་མངའ་ཁོངས་སུ་ཡོང་བར་རྩ་བ་ནས་གཏན་འགོག་བྱེད་དགོས།

  གསུམ།མཚོ་སྔོན་ཞིང་ཆེན་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་དང་ལག་ལེན་ལམ་སྲོལ་རིམ་པ་དང་པོའི་བཀག་རྒྱ་མ་གྲོལ་གོང་། ཁུལ་ཡོངས་ཀྱི་ཆོས་ཚོགས་དང་དམངས་ཁྲོད་མང་ཚོགས་རང་བཞིན་གྱི་ཆོས་ལུགས་བྱ་འགུལ་སྣ་ཚོགས་ཐམས་ཅད་འཚོག་མི་ཆོག

  བཞི། དགོན་པ་ཁག་གི་གྲྭ་བཙུན་དང་དགེ་མ་རྣམས་ཀྱིས་རིམས་ནད་བྱུང་ཡུན་གྱི་དུས་སྐབས་འདིར་ཕྱི་རོལ་དུ་གནས་སྐོར་འགྲོ་མི་ཆོག་པ་དང་། དགོན་པ་ཁག་ནས་ཀྱང་ཕྱི་ཕྱོགས་ཀྱི་མཁན་པོ་དང་སྤྲུལ་སྐུ་གདན་འདྲེན་ཞུས་ནས་ཆོས་ཁྲིད་གནང་མི་ཆོག

  ལྔ། དགོན་པ་ཁག་དང་ཆོས་ལུགས་བྱེད་སྒོ་སྤེལ་གནས། བཀོད་སྒྲིག་བྱ་ཡུལ་སོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཤུགས་སྣོན་ཡག་པོ་རྒྱག་དགོས་ཏེ། དད་ལྡན་མང་ཚོགས་རྣམས་ལ་མི་མང་མཉམ་རུག་ངང་ཆོས་སྐོར་བྱེད་པ་སོགས་འདུ་འཛོམས་རང་བཞིན་གྱི་བྱ་འགུལ་སྤེལ་བའི་བཀག་འགོག་བསླབ་བྱ་གཏོང་བ་དང་། གྲྭ་བཙུན་རྣམས་ཕྱིར་བསྐྱོད་དེ་མཆོད་སྡེའི་དུད་ཁྱིམ་དུ་རིམ་གྲོའམ་རབ་གནས་སོགས་ཀྱི་ཆོ་ག་གནས་སྐབས་སྤེལ་མི་ཉེན།

  དྲུག དགོན་པ་ཁག་དང་དགོན་སྡེ་དོ་དམ་ཨུ་ལྷན། དགོན་པའི་བླ་སྤྲུལ་མཁན་པོ་རྣམ་པས་དྲང་ཕྱོགས་ནས་སྣེ་ཁྲིད་བྱས་ཏེ། དད་ལྡན་མང་ཚོགས་ཀྱི་བསམ་བློའི་ཐད་ལ་ཁ་ཏ་སློབ་གསོའི་བཀའ་གསུང་གང་མང་གནང་ཐུབ་དགོས།གྲོང་ཁྱེར་དང་རྫོང་ཁག་སོ་སོའི་སྲིད་གཞུང་དང་འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་ལུགས་ལས་ཁུངས། ནང་བསྟན་མཐུན་ཚོགས་བཅས་ནས་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་དག་ཏན་ཏན་ཏིག་ཏིག་གིས་སྒྲུབ་ཅིང་།ཡུས་ཧྲུའུ་ཁུལ་གསར་ཐོན་ཏོག་དབྱིབས་ནད་དུག་ལས་བྱུང་བའི་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའི་ལས་དོན་བླང་བྱ་ཇི་བཞིན་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས།གལ་སྲིད་ལས་དོན་ཐད་འགན་ཤོར་ལས་འཁྲུལ་དང་ཁྲལ་སེལ་ཐབས་ཆག་བྱས་པའི་རྐྱེན་གྱིས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ།འགན་འཁྲི་བདའ་འདེད་ནན་པོ་མཐའ་གཅིག་ཏུ་གཏོང་དགོས།

  བདུན།གྲོང་ཁྱེར་དང་རྫོང་ཁག་སོ་སོའི་སྲིད་གཞུང་། འཐབ་ཕྱོགས་གཅིག་གྱུར།མི་རིགས་ཆོས་ལུགས་སྡེ་ཁག་གིས་ཁོངས་གཏོགས་ཅན་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། ས་སྲུང་འགན་འཁྲི་ཡོད་པ་དང་ས་སྲུང་འགན་འཁྲི་འཁུར་བ། ས་སྲུང་འགན་འཁྲི་གཙང་སྒྲུབ་བྱེད་པ། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། འགན་འཁྲི་ཕྲག་ཏུ་འཁུར་ཞིང་མིག་དཔེ་ཡག་པོ་འདོན་ཏེ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་རིམས་ནད་སྔོན་འགོག་གི་གཡུལ་འཐབ་ལས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་དགོས།

  ཡུས་ཧྲུའུ་ཁུལ་གསར་ཐོན་ཏོག་དབྱིབས་ནད་དུག་ལས་བྱུང་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ནས།༢༠༢༠ལོའི་ཟླ་༡པོའི་ཚེས་༣༠ཉིན།