首页 > 媒体新闻 > 县级新闻
玉树人速围观!创城迎国检在即,我们要这样做...
来源:    时间:2020年09月22日    

ཉེ་དུས་ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་བསྐྲུན་པའི་རྒྱལ་ཁབ་ཀྱི་དཔྱད་ཞིབ་ལས་བྱ་བ་སྤེལ་འགོ་ཚུགས་གྲབས་ཡོད་པས།ད་ལྟ་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་གཤམ་གསལ་གྱི་དོན་ཚན་འགའ་བསྒྲུབ་དགོས་པར་དྲན་སྐུལ་བྱས་པ་སྟེ།

  玉树市创建全国文明城市国家考核工作即将开始,现温馨提示广大干部群众做到以下几点:

  ༼ ༡ ༽གལ་ཏེ་ཁྱེད་རང་གྲོང་མིའི་འཐུས་མིར་གྱུར་ཚེ།རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚད་ལེན་ཚོ་ཆུང་གིས་ཁྱིམ་ཚང་དུ་བརྟག་དཔྱད་བྱེད་པ་དང་ལེན་བྱེད་དགོས་པས།ཁྱེད་ཀྱིས་ངེས་པར་དུ་ཁྱིམ་གྱི་སྒོ་ཕྱེ་ནས་འཚམས་འདྲིར་ཕེབས་མཁན་སྤྲོ་སེམས་འཁོལ་པོས་སྣེ་ལེན་བྱས་ཏེ།རྣམ་འགྱུར་ཡག་པོ་དང་ཡ་རབས་གུས་ཞབས་ལྡན་པར་བྱ་དགོས།

  (1)如果您幸运地成为市民代表,接受国家考核测评组入户调查,请您务必打开家门,热情接待来访人员,做到态度和蔼,文明礼貌;

  ༼ ༢ ༽ཁྱེད་ཀྱིས་བརྟག་དཔྱད་འདྲི་ཤོག་འབྲི་སྐབས།ཁྱེད་ཀྱིས་ངེས་པར་དུ་ནན་ཏན་གྱིས་འདྲི་ཤོག་ཞིབ་བཤེར་བྱས་ཏེ།གནད་དོན་རེ་རེའི་འདེམ་བྱང་གི་ཆེས་མཐོའི་ཚད་གཞི་ལ་གསལ་པོར་བལྟས་ཏེ།བརྟག་དཔྱད་འདྲི་ཤོག་གི་སྟེང་དུ་ཁུལ་དང་གྲོང་ཁྱེར་གྱི་འཛུགས་སྐྲུན་བྱ་བའི་ཕྱོགས་སོ་སོར་ཡིད་ཚིམ་པའི་འདེམས་ཤོག་གཅིག་འཕེན་དགོས། དུས་མཚུངས་སུ།ཁྱེད་ཀྱིས་ཁྱིམ་མི་དང་གཉེན་ཉེ།གྲོགས་པོ།ཁྱིམ་མཚེས་བཅས་ལ་ཁྲིད་སྟོན་དང་སྣེ་ཁྲིད་ཡག་པོ་བྱས་ཏེ།ཉེ་འགྲམ་གྱི་མི་ཚང་མའི་བསམ་ཤེས་རྒྱབ་སྐྱོར་དང་རྩལ་དགུའི་གཞོགས་འདེགས།རོགས་རམ་ཡར་སྐུལ་ཐོབ་ཐུབ་པ་བྱས་ནས། མཉམ་དུ་གྲོང་ཁྱེར་གསར་བ་འཛུགས་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས།

  (2)当您填写调查问卷时,请您务必认真审题,看清楚每个问题选项的最高标准,在调查问卷上为州市创城各项工作划上最满意的一票;同时,请您做好家人、亲戚、朋友、邻居的引导带动,争取身边所有人的理解支持、全力配合、助力加油,共同打赢创城攻坚战;

  ༼ ༣ ༽ཁྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་གྲོང་ཁྱེར་གསར་བ་འཛུགས་སྐྲུན་གྱི་འབྲེལ་ཡོད་ཤེས་བྱ་གསལ་པོར་ངེས་དགོས་ལ། ཁྱེད་རང་གི་རྒྱུགས་ལན་ལ་ནོར་འཁྲུལ་ཤོར་བའི་དབང་གིས་གྲོང་ཁྱེར་གསར་བ་འཛུགས་སྐྲུན་གྱི་ལས་ཀའི་ཕུལ་བྱུང་གྲུབ་འབྲས་ཆུ་ལ་མི་སྐྱུར་རོགས།

  (3)请您提前熟记社会主义核心价值观和创城应知应会相关内容,不要因为您的答卷失误,埋没了创城工作的优异成绩;

  ༼ ༤ ༽ཁྱེད་ཀྱིས་ཁྱིམ་ནང་དུ་ཡོང་དུ་མ་བཅུག་པ་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་མ་བྱས་པ།ཁོར་ཡུག་ལ་གཅེས་སྤྲས་མ་བྱས་པ།གྲོང་མིའི་སྤྱི་ཆིངས་ལ་བརྩི་སྲུང་མ་བྱས་པ། འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་མ་བྱས་པ་སོགས་མ་རབས་ཀྱི་བྱ་སྤྱོད་འགའ་ཞིག་གི་རྐྱེན་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལོ་གསུམ་རིང་གི་དཀའ་སྤྱད་འབད་བརྩོན་དང་རེ་བ་སྟོང་ཟད་དུ་གཏོང་མི་རུང་།

  (4)不要因为您的拒绝入户、不要因为您的不遵守社会公德、不要因为您的不爱护环境、不要因为您的不遵守市民公约、不要因为您的不遵守交通规则等一些不文明行为,而辜负了广大干部群众三年的辛勤付出和殷切期望;

  ༼ ༥ ༽ཁྱེད་ཀྱི་རྣམ་འགྱུར་མི་བཟང་པའི་རྐྱེན་གྱིས་ཡུས་ཧྲུའུ་གསར་པའི་མི་དམངས་ཀྱི་སྣང་བརྙན་བཟང་པོ་ལ་ཤུགས་རྐྱེན་ཐེབས་མི་རུང་།

  (5)不要因为您的态度冷漠,影响了新玉树人民的良好形象;

  ༼ ༦ ༽ང་ཚོས་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དཔྱད་བསྡུར་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་བསུ་བ་ཞུ་བ་དང་།བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་བར་དྲིན་གཟོ་ཞུ་དགོས།

  (6)让我们全力以赴地做好每一项工作,以优异成绩迎接全国文明城市考评验收,以实际行动回馈全州人民的热切期盼。